དཔེ་མཛོད།

བོད་ཀྱི་དཔེ་མཛོད་ཁང་གི་རྩ་བའི་དམིགས་ཡུལ་ནི་གཞི་རྒྱ་ཆེ་བའི་རིག་གཞུང་ཐོན་ཁུངས་ཀྱི་བསྟི་གནས་ཤིག་བསྐྲུན་རྒྱུ་དང༌། ཉམས་ཞིབ་དང་མཁས་དབང་དང་སློབ་ཕྲུག་དབར་ཤེས་ཡོན་སྤེལ་རེས་བློ་སྟོབས་སྤེལ་བའི་ཁོར་ཡུག་གོང་མཐོར་གཏོང་རྒྱུ་ཡིན། ཆ་རྐྱེན་དེ་དག་ནི་ད་ཐེངས་ཆབ་སྲིད་དང་ཆོས་ལུགས་ཀྱི་རྙོག་ཟིང་གིས་ཁ་ལོ་སྒྱུར་བཞིན་པའི་འཛམ་གླིང་ཞིག་གི་ནང་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། དམིགས་ཡུལ་དེ་དག་སྒྲུབ་པར་འབད་བརྩོན་སྟེན་བཞིན་པའི་དཔེ་མཛོད་ཁང་གི་གལ་གནད་དང་པོའི་ཁྲོད།

གནའ་དེང་གི་ཀྱི་བོད་པའི་སྐད་ཡིག་ཐོག་ཉམས་ཞིབ་དང་སློབ་སྦྱོང་བྱ་རྒྱུར་རོགས་རམ་བྱ་རྒྱུ།

  • བོད་ཀྱི་ཕྱག་དཔེ་དང༌། དཔེ་དེབ། སྒྱུ་རྩལ་དངོས་རིགས་རིག་དངོས་དང་རྩ་ཆེའི་གྲུབ་འབྲས་ཁག་མཁོ་སྒྲུབ་དང་གཅེས་སྲུང་བྱ་རྒྱུ།
  • དཔེ་མཛོད་ཁང་གི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ནང་(བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་)དཔེ་དེབ་དང༌། ཕྱག་དཔེ། དཔྱད་གཞིའི་ཡིག་ཆ་ཁག་མཁོ་སྦྱོར་བྱ་རྒྱུ།
  • དཔེ་མཛོད་ཀྱི་ས་ཁང་ཕ་གཞིས་ཀྱི་དཔེ་ཆའི་ཐོ་གཞུང་དང་། ཡིག་ཆ། འཛམ་གླིང་ས་ཕྱོགས་གང་སར་འབེལ་པོ་ཡོད་པའི་འབྲེལ་ཡོད་རྩོམ་རིག་བཅས་ཕྱོགས་བསྒྲིགས་བྱ་རྒྱུ།
  • དཔེ་མཛོད་ཁང་ ནང་ཡོད་པའི་ཕྱག་དཔེ་ཁག་གི་འདྲ་བཤུས་མཁོ་སྤྲོད་དང་དཔྱད་གཞིའི་བསྟི་གནས་ཁང་ཞིག་གི་ངོ་བོར་ལས་དོན་སྒྲུབ་རྒྱུ།
  • དཔེ་མཛོད་ཀྱི་པར་འགྲེམས་བྱེད་པོའི་མིང་དང་ཁ་བྱང་འོག་དཔེ་དེབ་དང་ཕྱག་དཔེ་དཔར་སྐྲུན་བྱ་རྒྱུ།
  • གནའ་དེང་གི་ཀྱི་བོད་པའི་སྐད་ཡིག་ཐོག་ཉམས་ཞིབ་དང་སློབ་སྦྱོང་བྱ་རྒྱུར་རོགས་རམ་བྱ་རྒྱུ།