ཚོགས་འདུ་དང་ཟབ་སྦྱོང༌།

བོད་ཀྱི་རིག་གཞུང་དང་ཚན་རིག་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་ལོ་རེར་དམིགས་བསལ་འཆར་འགོད་བྱས་པའི་ཟབ་སྦྱོང་དང་ཚོགས་འདུ་འདྲ་མིན་གོ་སྒྲིག་ཞུ་གི་ཡོད།

འབྲེལ་ཡོད་གནས་ཚུལ་གཞན།

བསླབ་པ་མཐར་སོན་པའི་གྲྭ་བཙུན་ལ་ཚན་རིག་ཟབ་སྦྱོང།

ལོ་ལྟར་བོད་ཀྱི་དཔེ་མཛོད་ཁང་ནས་རྒྱ་བལ་འབྲུག་གསུམ་དུ་གནས་པའི་རིས་མེད་དགོན་སྡེ་ཁག་གི་དགེ་བཤེས་དང། མཁན་པོ། སློབ་དཔོན་སོགས་ལ་ཟླ་གཅིག་རིང་རྨང་གཞིའི་ཚན་རིག་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད།

ཚན་རིག་ཟབ་སྦྱོང།

ལོ་ལྟར་རྒྱ་གར་ས་གནས་འདྲ་མིན་དུ་ཚན་རིག་ཟབ་སྦྱོང་དང་ཚོགས་འདུ་ཁག་གསུམ་བཞི་ཙམ་གོ་སྒྲིག་ཞུ་བཞིན་ཡོད།

སྐད་ཡིག་རིག་གཞུང་ཟབ་སྦྱོང་།
ལོ་ལྟར་ཕྱི་ཟླ་བཞི་པའི་ནང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་གཉིས་རིང་སློབ་མ་གྲངས་ ༢༥ ཙམ་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་རིག་གཞུང་སྐོར་གྱི་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད།

རྩོམ་སྒྱུར་ཟབ་སྦྱོང༌།
ལོ་ལྟར་ཕྱི་ཟླ་བདུན་པའི་ནང་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་གསུམ་གྱི་རིང་སློབ་ཕྲུག་གྲངས་ ༣༠ ཙམ་ལ་ནང་ཆོས་དང་། བོད་ཀྱི་སྐད་ཡིག རྩོམ་རིག དབྱིན་ཡིག དེ་བཞིན་བསྒྱུར་རྩལ་སོགས་ཀྱི་ཐད་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད།