ང་ཚོའི་སྐོར།


འཛིན་སྐྱོང་ལྷན་ཚོགས།

བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནང་ཚོགས་མི་དགུ་ཡོད་པ་ལས་རྒྱ་གར་དབུས་གཞུང་གི་སྐུ་ཚབ་གསུམ་ཡོད་པ་དང། ཚོགས་མི་ལྷག་མ་དྲུག་ནི་༸གོང་ས་མཆོག་གིས་ཐད་བསྐོས་གནང་གི་ཡོད། ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི། དཔེ་མཛོད་ཁང་གི་སྲིད་བྱུས་གཏན་འབེབས་དང། འཛུགས་སྐྲུན་ལས་གཞི་ཡར་རྒྱས་གཏོང་ཐབས་སྐོར་ལ་ལམ་སྟོན་གནང་རྒྱུ་དང། ལས་འཆར་ཆེ་ཁག་དང་སྡེ་ཚན་རྣམས་ལ་ལྟ་རྟོག་གནང་རྒྱུ་མ་ཟད་མ་འོངས་པའི་གསར་གཏོད་ཀྱི་ལས་གཞི་ཁག་ལ་ལམ་སྟོན་དང་སྣེ་ཁྲིད་བྱེད་རྒྱུ།

འཛིན་སྐྱོང་།

འཛིན་སྐྱོང་སྡེ་ཚན་གྱི་ཕྱོགས་ཡོངས་ཀྱི་ལས་དོན་ལ་སྟངས་འཛིན་གནང་གི་ཡོད། འཛིན་སྐྱོང་གི་ལས་འགན་ཁྲོད་ལས་བྱེད་ལ་མཐུན་འགྱུར་དང། ལོ་འཁོར་དངུལ་རྩིས། རྩིས་ཁྲ། སྔོན་རྩིས་འགྲོ་གྲོན། བདེ་འཇགས། ཁང་པ་བདག་གཉེར་དང་འཛུགས་སྐྲུན་འཆར་འགོད། ཀམ་པུ་ཊར་དང་གནས་ཚུལ་ཞབས་ཞུ། པར་ཤུས་དང་འཚག་སེལ་ཞབས་ཞུ། མཁས་དབང་དང་སློབ་ཕྲུག་དེབ་འགོད། འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་གོ་སྒྲིག་སོགས་ཀྱི་ལས་དོན་ཐོག་ལྟ་རྟོག་གནང་རྒྱུ།

འབྲེལ་ཡོད་མི་སྣ།

དགེ་བཤེས་ལྷག་རྡོར།
འགན་འཛིན།
ངག་དབང་ཡེ་ཤེས།
སྤྱི་ཁྱབ་དྲུང་ཆེ།

འབྲེལ་གཏུགས་བྱ་ཡུལ།

Library of Tibetan Works and Archives
Gangchen Kyishong
Dharamsala 176215
HP, India

Main office Tel: +91 9218422467
Reception: +91 9882255047
Mobile: +91 9816066677 (Director)

Fax: +91 (0)1892 229106
Email: ltwa1970(a)gmail.com

ལས་ཁུངས་དུས་ཚོད།

ཞོགས་པ་སྔ་དྲོ་ཚོུད་དགུ་པ་ནས་དགོང་དྲོ་ཚོུད་ལྔ་པ་བར་དང༌། ཉིན་གུང་གསོལ་ཚིགས་ཚོུད་དང་པོ་ནས་གཉིས་པ་བར་ཡིན། གཞུང་འབྲེལ་གུང་གསེང་དང༌། རེས་གཟའ་སྤེན་པ་གཉིས་པ་དང་བཞི་པ་ཕུད་དཔེ་མཛོད་ཁང་ཉིན་ལྟར་སྒོ་འབྱེད་ཀྱི་ཡོད།

ལམ་སྟོན།

བོད་ཀྱི་དཔེ་མཛོད་ཁང་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ཧི་མཱ་ཅལ་མངའ་སྡེའི་ནང་བཞུགས་སྒར་དྷ་རམ་ས་ལར་ཆགས་ཡོད།