Home



ད་ལོའི་འཛིན་གྲྭ།


གལ་ཆེའི་ལས་རིམ།


ལས་འཆར་ལ་རྒྱབ་སྐྱོར།

དགེ་བཤེས་རྒྱལ་མཚན་ཚེ་རིང།

ཕྱག་དཔེ། རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང། དུས་ཡུན། སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠།༡༥

དགེ་བཤེས་བློ་བཟང་བརྩོན་འགྲུས།

ཕྱག་དཔེ། སློབ་དཔོན་འཕགས་པ་ལྷས་མཛད་པའི་བཞི་བརྒྱ་པ། དུས་ཡུན། ཕྱག་ཚོད་ ༡༠།༣༠ ནས་ ༡༡།༤༥
LTWA Overview video youtube

སྐད་ཡིག་འཛིན་གྲྭ།

དམིགས་བསལ་སློབ་དུས་ཁག

བོད་ཀྱི་སྐད་ཡིག་འཛིན་གྲྭ་ནི་ལོ་རེར་ཟླ་བ་གསུམ་ཅན་གྱི་སློབ་དུས་གསུམ་འཚོགས་ཀྱི་ཡོད།
LTWA Overview video youtube
  • སྤྱི་ཟླ་ ༣ ཚེས་ ༡༤ ནས་སྤྱི་ཟླ་ ༤ ཚེས་ ༦ བར།
    དབུ་འཛིན་མཆོག་ཨ་རིའི་མངའ་སྡེ་ཨེཌ་ལེན་ཊ་དང་། སྦར་མིང་གྷམ། ཌ་ལེསེ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་ཚོགས་འདུ་དང་གཏམ་བཤད་གནང་བར་ཕེབས་རྒྱུ།
  • སྤྱི་ཟླ་ ༤ ཚེས་ ༧ ཉིན།
    ༸གོས་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་ཉིན་ལྡི་ལི་གཙུག་ལག་མཐོ་སློབ་ཏུ་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་གི་ཡོད་པར། དབུ་འཛིན་མཆོག་དེ་གར་ཉིན་ཕྱེད་རིང་ཕེབས་རྒྱུ།
  • སྤྱི་ཟླ་ ༤ ཚེས་ ༡༣ ཉིན།
    ཞོགས་པ་ཚུ་ཚོད་ ༡༡ ནས་ ༡༢།༣ོ བར། དབུ་འཛིན་མཆོག་ནས་དྷ་ས་མེགྷན་དུ་བོད་ཀྱི་འཇིག་རྟེན་ཞེས་པའི་གླེང་སྟེགས་ཐོག་ནང་ཆོས་ངོ་སྤྲོད་ཀྱི་གཏམ་བཤད་གནང་རྒྱུ།
  • སྤྱི་ཟླ་ ༤ ཚེས་ ༡༡ ནས་ ༡༥ བར།
    བོད་ཀྱི་དཔེ་མཛོད་ཁང་གིས་འདི་ག་དཔེ་མཛོད་ཁང་དུ་ཉིན་ལྔའི་རིང་སའི་གོ་ལའི་གནམ་གཤིས་ཡི་འགྱུར་ལྡོག་དང་འབྲེལ་བའི་ཐོག་ལ་འགྲེམས་སྟོན་གནང་རྒྱུ།
  • སྤྱི་ཟླ་ ༤ ཚེས་ ༢༣ ནས་ ༢༧ བར།
    དབུ་མ་འཛིན་མཆོག་ནས་སྦིར་གཞིས་ཆགས་སུ་ཡོད་པའི་Deer Park ཞེས་པའི་སློབ་གཉེར་ཁང་དུ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བཞི་པ་དང་འཕགས་པ་ལྷས་མཛད་པའི་བཞི་བརྒྱ་པའི་ལེའུ་དྲུག་གཉིས་ཀྱི་ཐོག་ནས་གསུང་ཆོས་གནང་རྒྱུ།
  • སྤྱི་ཟླ་ ༤ ཚེས་ ༡༢ ནས་ ༡༤
    བོད་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་དང་དང་དྲུང་གཞོན་བསྟན་འཛིན་ལྷ་དབང་གཉིས་ཌེན་མག་ནང་ཡོ་དཔའི་ཨར་ཐསེ་གཙུག་ལག་མཐོ་སློབ་ཏུ་བསྐྱོད་རྒྱུ་ནས་མ་འོངས་པར་སློབ་གཉེར་ཁང་གཉིས་ཀྱི་དབར་ཟུང་འབྲེལ་གྱི་ཕྱོག་ལས་གནང་ཕྱོགས་ཐོག་ལ་བགྲོ་གླེང་གནང་རྒྱུ།
  • སྤྱི་ཟླ་ ༥ ཚེས་ ༡༧ ནས་སྤྱི་ཟླ་ ༦ ཚེས་ ༢༢ བར།
    བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་བྱེད་པ་རྣམས་བོད་དང་ཨེ་མོ་རིའི་ཚན་རིག་ལས་འཆར་གྱི་དབར་ཁའི་ཟབ་སྦྱོང་ཆེད་འབྲས་སྤུངས་དགོན་པར་བསྐྱོད་རྒྱུ།
  • སྤྱི་ཟླ་ ༥ ཚེས་ ༡༦ ནས་ ༢༠ བར།
    དབུ་འཛིན་མཆོག་ཉིན་ལྔའི་རིང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཀྱི་ཚོགས་འདུར་བཅར་རྒྱུ།
  • སྤྱི་ཟླ་ ༦ ཚེས་ ༢༠ ནས་ ༢༤ བར།
    བོད་ཀྱི་དཔེ་མཛོད་ཁང་དུ་ཉིན་ལྔའི་རིང་ཨ་མདོ་ས་ཁུལ་གྱི་པར་གྱི་འགྲེམས་སྟོན་ཞིག་གནང་རྒྱུ།
  • སྤྱི་ཟླ་ ༦ ཚེས་ ༧ ནས་ ༡༠ བར།
    དྷ་སའི་གཅུག་ལག་ཁང་དུ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱ་གར་རྒྱལ་གྱི་ས་ཁུལ་འདྲ་མིན་ནས་ཡིན་པའི་རྒྱ་གར་བ་ཚོས་རེ་འབུལ་ཞུས་པ་ལྟར་ཉིན་བཞིའི་རིང་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་བཞི་པ་ལྔ་པ་དྲུག་པ་བཅས་ཀྱི་ཐོག་ནས་གསུང་ཆོས་གནང་གི་ཡོད་པ་དང། ཉིན་ལྟར་གསུང་ཆོས་ཚར་བའི་རྗེས་སུ་དབུ་འཛིན་མཆོག་ནས་བསྐྱར་ཞིབ་འབྲེལ་བའི་གསུང་ཆོས་གནང་རྒྱུ་ཡིན།
  • སྤྱི་ཟླ་ ༦ ཚེས་ ༡༤ ནས་ ༡༦ བར།
    དབུ་འཛིན་མཆོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁྲིམས་བཅའ་ཟིན་བྲིས་ཚོགས་ཆུང་གི་ཚོགས་འདུར་ཉིན་གསུམ་རིང་བཅར་རྒྱུ།
  • སྤྱི་ཟླ་ ༦ པའི་ནང།
    ཨེ་མོ་རིའི་སྨན་གྱི་སློབ་མའི་སྡེ་ཚན་ཞིག་དྷ་སར་འབྱོར་གྱི་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ཁོང་ཚོར་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན།
  • སྤྱི་ཟླ་ ༧ ཚེས་ ༡ ནས་ ༨ བར།
    བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་དེ་ཡུ་རོབ་གླིང་དུལག་བསྟར་ཇི་ལྟར་བྱེད་མིན་སྐོར་གྱི་ཚོགས་འདུར་དབུ་འཛིན་མཆོག་སི་པེན་དུ་ཕེབས་ཀྱི་ཡོད་པ་དང། དེ་བཞིན་ན་ལེནྜའི་ལས་འཆར་གྱི་ཚོགས་པའི་ཐོག་ནང་ཆོས་སློབ་ཁྲིད་གནང་གི་ཡོད།
  • སྤྱི་ཟླ་ ༧ ཚེས་ ༡ ནས་སྤྱི་ཟླ་་༩ ཚེས་ ༣༠ བར།
    བོད་ཀྱི་དཔེ་མཛོད་ཁང་གི་ལོ་རེའི་སྒྱུར་རྩོམ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་གི་ཡོད།
  • སྤྱི་ཟླ་ ༩ ཚེས་ ༡༡ ནས་ ༡༣ བར་དང་། ཚེས་ ༡༣ ནས་ ༡༥ བར།
    དབུ་འཛིན་མཆོག་གནས་གུ་རུ་ཀུལ་གྱི་སློབ་ཕྲུག་རྣམས་ལ་ཉིན་དྲུག་རིང་ཆུ་ཚོད་ ༩ ནས་ ༡༢།༣༠ བར་ཞི་བདེ་འཚོལ་བར་སེམས་ཀྱི་འགན་འཁྲི་གང་ཡིན་པ་དང་། བཟང་སྤྱོད་་དང་འབྲེལ་བའི་ཤེས་ཡོན་སྐོར་ལ་སློབ་ཁྲིད་གནང་རྒྱུ།
  • སྤྱི་ཟླ་ ༨ ཚེས་ ༡༩ ནས་ ༢༢ བར།
    ཏུ་ཥི་ཏ་ཆོས་ཚོགས་སུ་ཉིན་བཞིའི་རིང་ནང་ཆོས་སློབ་ཁྲིད་གནང་རྒྱུ།
  • སྤྱི་ཟླ་ ༡༠ ཚེས་ ༡༧ ནས་ ༢༡ བར།
    དབུ་འཛིན་མཆོག་ཉིན་ལྔའི་རིང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཀྱི་ཚོགས་འདུར་བཅར་རྒྱུ།
  • སྤྱི་ཟླ་ ༡༠ ཚེས་ ༡༠ ནས་སྤྱི་ ༡༡ ཚེས་ ༡༠ བར།
    བོད་ཀྱི་དཔེ་མཛོད་ཁང་དུ་ཟླ་གཅིག་རིང་སློབ་འཐོན་ལས་གཞི་ཚོགས་རྒྱུ།
  • སྤྱི་ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར།
    ཉིན་གསུམ་གྱི་རིང་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཚོགས་འདུ་ཐེངས་ལྔ་པ་དེ་ཚོགས་རྒྱུ།
  • སྤྱི་ཟླ་ ༡༡ ཚེས་ ༡༦ ནས་ ༢༠ བར་གྱི་དགོང་དྲོ་ཚོུད་ ༦།༣༠ ནས་ ༨ བར།
    རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་མི་སྣ་འདུ་འཛོམས་ཀྱི་ལྟེ་གནས་སུ་ཕེབས་རྒྱུ།
  • སྤྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར།
    རྒྱ་གར་གྱི་གྲོང་ཁྱེར་མུམ་སྦེ་རུ་ལོ་རེའི་ཉིན་གསུམ་གྱི་གསུང་ཆོས་གནང་རྒྱུ།
  • སྤྱི་ཟླ་ ༡༡ ཚེས་ ༢༨ ནས་སྤྱི་ཟླ་ ༡༢ ཚེས་ ༡༡ བར།
    རྒྱ་གར་ལྷོག་ཕྱོགས་དགའ་ལྡན་བྱང་རྩེ་དགོན་པར་བོད་ཀྱི་དཔེ་མཛོད་ཁང་ནས་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ།
  • སྤྱི་ཟླ་ ༡༢ ཚེས་ ༡༨ ནས་ ༢༠ བར།
    ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་དགའ་ལྡན་ཕོ་བྲང་གི་འཐེབ་རྩ་དང་བོད་ཀྱི་དཔེ་མཛོད་ཁང་བཅས་གསུམ་ཟུང་འབྲེལ་གྱིས་ལྷོག་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་ཉིན་གསུམ་རིང་བརྗོད་གཞི་ཚན་རིག་དང་ནང་ཆོས་གཉིས་ཟམ་པ་བཙུགས་ཏེ་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཡོང་བར་ཨེ་མོ་རི་དང་བོད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུ་རྒྱུ།